རྒྱབ་ལྗོངས། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༨ ནས་ ༢༡ བར་འདི་ག་བྱང་ཨ་རིའི་ནིའུ་ཡོག་མངའ་སྡེའི་གྷེ་རེ་སོན་བསྟི་གནས་ཁང་དུ་བྱང་ ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཁང་ཐུན་མོང་གིས་གོ་སྒྲིག་འོག་ ༢༠༡༦ ལོའི་ བོད་མིའི་གཞོན་སྐྱེས་འགོ་ཁྲིད་ལྷན་ཚོགས་ཞེས་ཚོགས་ཆེན་ཚོགས་གཏན་འཁེལ་ཡོད་པ་དང་། དེ་ལྟའི་ཚོགས་ཆེན་ནི་ལོ་ རྒྱུས་ཐོག་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་ན་ཡང་དེ་སྔ་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་ ༢༠༠༧ ལོའི་བྱང་ཨ་ རིའི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚོགས་ཆེན་དང་ ༢༠༠༩ ལོའི་ཆེད་ལས་བོད་མིའི་ཚོགས་ཆེན་གཉིས་ལམ་ ལྷོང་ཇེ་ཆེར་གྱུར་ཡོད་རུང་ད་ལྟའི་ཚོགས་ཆེན་འདིས་འཐུས་སྒོ་ཇེ་ཚང་དུ་གཏོང་གིས་ཡོད།། བྱང་ཨ་རིའི་སྐུ་ཚབ་དོན་ཁང་དང་བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཁང་ཐུན་མོང་གིས་གོ་སྒྲིག་གནང་བའི་ ༢༠༡༦ ལོའི་བོད་མིའི་གཞོན་སྐྱེས་འགོ་ཁྲིད་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཡུལ་གྲུ་གང་སར་གནས་པའི་བོད་མིའི་ན་ གཞོན་འགོ་ཁྲིད་རྣམ་པ་འདུ་བཀོང་གིས་ཕན་ཚུན་མྱོང་བ་སྦྱང་ཤེས་དང་། བློ་སྤོབས་འཕེལ་ཐབས། བོད་རྒྱ་ཆེ་མི་མང་དང་སྤྱི་ཚོགས། སྒོས་སུ་བོད་མིའི་འཐབ་བརྩོད་མདུན་བསྐྱོད་བྱ་རྒྱུར་ད་ཡོད་འགོག་རྐྱེན་རྣམས་གདུལ་རྒྱུའི་ཐབས་ལམ་འཚོལ་ ཞིབ་སོགས། ཕན་ཚུན་བློ་སྤོབས་གཅིག་ཏུ་མཐུད་དེ་རྒྱལ་སྤྱིའི་ཐད་ཁ་ཡོད་ལག་ཡོད་ཀྱི་འགྱུར་ལྡོག་ཡོང་བར་གཉེར་གཏད་ ཐུབ་མཁན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐབས་དེ་ཡིན།། BACKGROUND: The Office of Tibet in Washington, DC with Tibet Corps is organizing the Young Tibetan Leaders Summit …
Read More »