Saturday, April 27 2024

གསལ་བསྒྲགས།

བོད་ཕྲུག་ཁྱིམ་སྡེ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཕྲུག་རྣམས་སློབ་བཞེས་གནང་རྒྱུའི་གསལ་བསྒྲགས། 

༄༅། །དུས་ཀྱི་འགྱུར་ལྡོག་དང་དགོས་མཁོ་བསྟུན། རྒྱ་གར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་ཕྲུག་རྣམས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཙོ་བོར་འཛིན་པའི་དེང་རབས་ཚན་རྩིས་དང་འཕྲུལ་ལས་ཀྱི་སློབ་ཚན་ཅན་གྱི་སློབ་གྲྭ་ཞིག་དགོས་གལ། ཕྱི་ནང་བོད་མི་མང་པོས་དགོངས་འཆར་རེ་སྐུལ་མང་དག་བྱུང་བར་བརྟེན། རྡ་ཤོད་བོད་ཁྱིམ་སློབ་གྲྭ་འདི་བཞིན་ཕྱི་རྒྱལ་གནས་སྡོད་བོད་ཕྲུག་ཆེད་ཁ་སྒྱུར་གནང་རྒྱུའི་ཐོག་བོད་མིའི་སྒྲིག་འཛུགས་སྐུ་ངོ་སྲིད་སྐྱོང་མཆོག་དང་། ཤེས་རིག་བཀའ་བློན་མཆོག འགན་འཛིན་ལྷན་ཚོགས་བཅས་ནས་བཀའ་འཁྲོལ་བཟང་པོ་ཐོབ་ཡོད་ན། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༨ པའི་ཚེས་ཤར་འཛིན་རིམ་བཞི་པ་ནས་བརྒྱད་པ་བར་གྱི་སློབ་ཕྲུག་སློབ་བཞེས་གནང་རྒྱུའི་གསལ་བསྒྲགས་གཤམ་དུ་ཕུལ་ཡོད་པ་དགྱེས་གཟིགས་ཡོང་བ་ཞུ།