Tuesday, December 5 2017

Green Book Application

Within each tab are instructions with a link to the corresponding form.

New Green Book Application

New Green Book Application

༡།  ཕྱི་རྒྱལ་དུ་གཏན་སྡོད་ཡིག་ཆ་ཡོད་མཁན།

 

  • འགེངས་ཤོག་ནང་གི་གནད་དོན་ཁག་གཅིག་ཀྱང་ཆད་ལུས་མེད་པར་འཐུས་བཀང་ངེས་པར་དགོས།
  • འདྲ་པར་ཁ་གསར་གྲངས་ ༣ ཚད་གཞི། ༤ cmX ༤ cm
  • རྒྱལ་ཁབ་སོ་སོའི་ནང་གཏན་སྡོད་ཆོག་པའི་ཡིག་ཆའི་ངོ་བཤུས་སྟེང་སྐུ་ཚབ་དོན་གཅོད་ཀྱིས་དག་མཆན་མཚན་རྟགས་འཁོད་པ།
  • ཕ་མ་གཉིས་ཀར་དཔྱ་དེབ་ཨང་གྲངས་བདུན་ཅན་མེད་པའམ། ཚེ་འདས་གྱུར་བ། བོད་དུ་ཡོད་པ་བཅས་གང་རུང་ཡིན་ཚེ་སྐུ་ཚབ་དོན་གཅོད་ནས་གཏན་འབེབས་བོད་མི་དངོས་བདེན་ཡིན་པའི་ངོས་སྦྱོར་མཉམ་སྦྱར་དགོས།
  • ཕ་མ་ཡ་གཅིག་བོད་མི་ཡིན་པའི་ཕྲུ་གུར་ལོ་ ༦ ནས་ ༡༨ བར་དཔྱ་ཁྲལ་ལག་དེབ་གནང་རྒྱུ་དང་། དེ་རྗེས་ཕྲུ་གུ་སོ་སོས་ལག་དེབ་ལེན་དང་མི་ལེན་ཐག་གཅོད་བྱེད་ཆོག

  • དཔྱ་དེབ་རྙིང་པའི་ངོ་བཤུས་ཐོག་སྐུ་ཚབ་དོན་གཅོད་ནས་བོད་མི་དངོས་བདེན་ཡིན་པའི་ངོས་སྦྱོར།
  • བོད་ནས་ཐད་ཀར་འབྱོར་ཏེ་གནས་ཡུལ་རྒྱལ་ཁབ་ཀྱི་གཏན་སྡོད་ཡིག་ཆ་མ་ཐོབ་པ་རྣམས་ནས་རྒྱལ་ཁབ་སོ་སོའི་ནང་འཛུལ་ཞུགས་ཆོག་པའི་མཐོང་མཆན་(Visa) ངོ་བཤུས་སྟེང་སྐུ་ཚབ་དོན་གཅོད་ནས་ཞིབ་འཇུག་གིས་དག་མཆན་མཚན་རྟགས་འཁོད་པ།
  • ཡིག་ཆ་གང་ཡང་མེད་ན་དེ་སྔའི་ས་གནས་འགོ་འཛིན་དང་རང་བདེན་ཚོགས་ཆུང་ནས་ཁྱབ་ཁོངས་བོད་མི་དངོས་བདེན་ཡིན་པ་དང་། ས་གནས་དེ་ནས་དེ་སྔ་དཔྱ་དེབ་དངོས་འབྲེལ་བཟོས་མེད་པའི་ངོས་སྦྱོར་ཐོག ཕྱིར་བསྐྱོད་དམ་འགྲུལ་བསྐྱོད་ཡིག་ཆའི་ངོ་བཤུས་ཐོག་སྐུ་ཚབ་དོན་གཅོད་ཀྱི་དག་མཆན་མཚན་རྟགས་འཁོད་པ།

 

New Green Book Application [PDF Form]

Green Book Correction

Green Book Correction

༽ ཕྱི་རྒྱལ་གཏན་སྡོད་བོད་མི་ཚོའི་དང་བླངས་དཔྱ་དངུལ་ལག་དེབ་ནང་ནོར་བཅོས་ཞུ་རྒྱུའི་ཆ་རྐྱེན།

 

  • ནོར་བཅོས་འགེངས་ཤོག་ནང་གི་གནད་དོན་ཁག་གཅིག་ཀྱང་ཆད་ལུས་མེད་པར་འཐུས་བཀང་ངེས་པར་དགོས།
  • འདྲ་པར་ཁ་གསར་གྲངས་ ༢ ཚད་གཞི། ༤ cmX ༤ cm
  • སྐུ་ཚབ་དོན་ཁང་དུ་དེབ་རིན་ཨ་སྒོར་ ༣༠ ཕུལ་བའི་བྱུང་འཛིན།
  • རྒྱལ་ཁབ་སོ་སོའི་མི་སེར་རམ་གཏན་སྡོད་ཆོག་པའི་ལག་འཁྱེར་ངོ་བཤུས་སྟེང་སྐུ་ཚབ་དོན་གཅོད་ནས་དག་མཆན་མཚན་རྟགས་འཁོད་པ།
  • ཕ་མའམ་བཟའ་ཟླ་བུ་ཕྲུག་སོ་སོའི་དཔྱ་དེབ་ནང་གསལ་ལོ་རྒྱུས་དང་མཐུན་དགོས།

༣། གཏན་སྡོད་ཡིག་ཆ་མེད་མཁན་རང་ལོ་ ༡༦ མན་ལ་དཔྱ་དངུལ་ལག་དེབ་ནང་ནོར་བཅོས་ཞུ་ཕྱོགས་ལམ་སྟོན།

 

  • ནོར་བཅོས་འགེངས་ཤོག་ནང་གི་གནད་དོན་ཁག་གཅིག་ཀྱང་ཆད་ལུས་མེད་པར་འཐུས་བཀང་ངེས་པར་དགོས།
  • འདྲ་པར་ཁ་གསར་གྲངས་ ༢ ཚད་གཞི། ༤ cmX ༤ cm
  • སྐུ་ཚབ་དོན་ཁང་དུ་དེབ་རིན་ཨ་སྒོར་ ༣༠ ཕུལ་བའི་བྱུང་འཛིན།
  • གཤམ་གསལ་ཡིག་ཆ་ཁག་ནས་གང་རུང་གཅིག་ངེས་པར་དགོས།

–ཕྱི་ལོ་ 2003-01-01 གོང་ས་གནས་འགོ་འཛིན་སོ་སོ་ནས་གནང་བའི་སྐྱེས་ཚེས་ལག་འཁྱེར།

–ས་གནས་གྲོང་སྡེ་ལས་ཁུངས་ནས་སྤྲད་པའི་སྐྱེས་ཚེས་ལག་འཁྱེར།

–སོ་སོའི་མིང་དང་ཕ་མའི་མིང་། སྐྱེས་ལོ་སྐྱེས་བཅས་གསལ་བའི་སློབ་གྲའི་ཡིག་ཆ།

ནོར་བཅོས་སྐབས་ཐུགས་སྣང་དགོས་པའི་གནས་དོན།

 

  • དཔྱ་དངུལ་ལག་དེབ་བཟོ་སྤྲོད་ཟིན་པ་ཞིག་ལ་ནོར་བཅོས་ཐེངས་གཅིག་ལས་ཞུ་མི་ཆོག་པ།
  • བོད་མི་གང་ཞིག་གཏན་སྡོད་བྱ་ཡུལ་རྒྱལ་ཁབ་གཞན་དུ་སྤོ་ཤུགས་བྱས་ཚེ་དཔྱ་དེབ་ནང་གསལ་གྱི་ཁ་བྱང་རྐྱང་པ་བརྗེ་བསྒྱུར་ཆོག་རྒྱུ།
  • གྲོང་སྡེ་ལས་ཁུངས་ནས་སྤྲད་པའི་སྐྱེས་ཚེས་ལག་འཁྱེར་ནང་སྐྱེས་ཡུལ་བོད་ཀྱི་ས་གནས་འཁོད་ཡོད་ན་ངོས་ལེན་ཞུ་ཐབས་མེད།
  • སྒེར་གྱི་གནས་སྟངས་བསྒྱུར་བ་ཕྱིན་པ་ལྟར་དཔྱ་དེབ་ནང་བསྒྱུར་བཅོས་གནང་ཐབས་མེད། ༼འཚོ་ཐབས། ཁ་བྱང་། བཟའ་བཟླའི་མིང་།༽
  • སོ་སོའི་ཕ་མའམ་བཟའ་ཟླ་བུ་ཕྲུག་ལོ་རྒྱུས་དང་ཕན་ཚུན་ངེས་པར་མཐུན་དགོས་པ་ཡིན།
  • འདས་གྲོངས་སུ་སོང་བའི་བོད་མིའི་དཔྱ་ཁྲལ་ལག་དེབ་ཨང་གྲངས་བདུན་ཅན་འདི་གར་རྩིས་སྤྲོད་གནང་དགོས།

Green Book Correction [PDF Form]

Lost Green Book

Lost Green Book

ཁ། དང་བླང་དཔྱ་དངུལ་ལག་དེབ་བོར་བརླག་བསྐྱར་བཟོ།

  • བོར་བརླག་འགེངས་ཤོག་ནང་གི་གནད་དོན་ཁག་གཅིག་ཀྱང་ཆད་ལུས་མེད་པར་འཐུས་བཀང་ངེས་པར་དགོས།
  • འདྲ་པར་ཁ་གསར་གྲངས་ ༢ ཚད་གཞི། ༤ cmX ༤ cm
  • སྐུ་ཚབ་དོན་གཅོད་ཁང་དུ་དེབ་རིན་ཨ་སྒོར་ ༣༠ འབབ་ཕུལ་བའི་བྱུང་འཛིན།
  • ལྷ་རབ་བྱུང་ན་ས་གནས་སྐོར་སྲུང་ལས་ཁུངས་སུ་སྙན་འབུལ་གྱིས་ FIR ངོ་བཤུས། དེ་མིན་དཔྱ་དེབ་བོར་བརླག་ཇི་ལྟར་དང་། ག་དུས་ཤོར་ཡིན་ལོ་ཟླ་ཚེས་གྲངས་འཁོད་པའི་དོ་བདག་གི་ཞུ་སྙན།
  • དཔྱ་དངུལ་གཙང་འབུལ་ཟིན་པའི་བྱུང་འཛིན་ངོ་བཤུས།
  • ལོ་རྒྱུས་ཆ་ཚང་སྔར་བཞིན་རང་འཇགས་དགོས་པ་ལས་བསྒྱུར་བཅོས་གཏོང་མི་ཆོག
  • གལ་ཏེ་ནོར་བཅོས་དགོས་ཚེ་ནོར་བཅོས་འགེངས་ཤོག་དང་དགོས་ངེས་ཡིག་ཆ་ཁག་ཟུར་དུ་འབུལ་དགོས།

 

Lost Green Book [PDF Form]

Green Book Name Change

Green Book Name Change

ཅ། དཔྱ་དངུལ་ལག་དེབ་ནང་སོ་སོའི་གཏན་སྡོད་ཡིག་ཆའི་ནང་གསལ་ལྟར་མིང་བསྒྱུར་ཞུ་ཕྱོགས།

 

  • ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་གནས་བབ་སོན་ཐབས་བྱས་པའི་ལོ་རྒྱུས་ཇི་བཞིན་སོ་སོའི་གཏན་སྡོད་ཡིག་ཆར་གསལ་བའི་མིང་དང་། དང་བླངས་དཔྱ་དངུལ་ལག་དེབ་ཏུ་གསལ་བའི་མིང་གཉིས་མི་མཐུན་པའི་དཀའ་ངལ་སེལ་ཐབས་ཆེད་ཡིན།
  • གཏན་འབེབས་མིང་བསྒྱུར་འགེངས་ཤོག་འཚེམས་ལུས་མེད་པར་བཀང་དགོས།
  • མི་སེར་ལག་འཁྱེར་ (Passport & Naturalization Certificate) ཡང་ན། གཏན་སྡོད་ཆོག་པའི་ཡིག་ཆ། (Permanent Resident) ཡང་ན། སྐྱབས་བཅོལ་ཐོབ་པའི་ཡིག་ཆ། (I-94 Asylum granted)་ གང་རུང་གཅིག་གི་ངོ་བཤུས་སྟེང་སྐུ་ཚབ་དོན་གཅོད་ངོ་མའི་དག་མཆན་མཚན་རྟགས་འཁོད་པ་དགོས།
  • ལག་དེབ་འདི་ཞུ་སྤྲོད་རྗེས་ནོར་བཅོས་གང་ཡང་ཞུ་མི་ཆོག་པ་ལྟར་དོ་བདག་སོ་སོས་ཀྱང་དེ་བཞིན་ཁས་ལེན་བྱ་རྒྱུ།
  • སྐུ་ཚབ་དོན་གཅོད་ནས་སྒྲིག་མཐུན་དཔྱ་དངུལ་དང་གཞན་ངེས་ཅན་བསྡུ་འབབ་བཅས་གཙང་འབུལ་ཞུས་ཡོད་མེད་ཞིབ་འཇུག་གིས་ཕུལ་ཡོད་ཚེ་འགེངས་ཤོག་སྟེང་དག་མཆན་མཚན་རྟགས་བཀོད་དགོས།
  • དཔྱ་དེབ་རིན་འབབ་ཨ་སྒོར་ ༣༠ ཕུལ་བའི་བྱུང་འཛིན་ངོ་བཤུས་སམ་ཨང་གྲངས་གནང་དགོས།

Green Book Name Change [PDF Form]

Green Book Summary

Green Book Summary

ལོ་རྒྱུས་སྙིང་བསྡུས་གསལ་བའི་དཔྱ་དེབ་ཞུ་རྒྱུའི་ཆ་རྐྱེན།

 

  • ད་ཡོད་ལག་དེབ་ནང་གསལ་ལོ་རྒྱུས་རང་སོར་གནས་རྒྱུ་ལས་བསྒྱུར་བཅོས་གང་ཡང་མི་ཆོག
  • ལག་དེབ་འདི་ཞུ་སྤྲོད་རྗེས་ནོར་བཅོས་གང་ཡང་ཞུ་མི་ཆོག་པ་ལྟར་དོ་བདག་སོ་སོས་ཀྱང་དེ་བཞིན་ཁས་ལེན་བྱ་རྒྱུ།
  • ད་ཡོད་ལག་དེབ་ནང་སོ་སོའི་སྐྱེས་ཟླ་སྐྱེས་ཚེས་དང། ཕ་ཡུལ་དེ་སྔ་གསལ་མེད་པས་ད་ཆ་གསལ་དགོས་ལས་གཞན་པའི་གནས་དོན་བཟོས་བཅོས་བྱ་དགོས་ཡོད་ཚེ་ནོར་བཅོས་འགེངས་ཤོག་བཀང་འབུལ་དགོས་པ་ལས་ལོ་རྒྱུས་སྙིང་བསྡུས་འགེངས་ཤོག་བཀང་འབུལ་མི་ཆོག
  • འགེངས་ཤོག་ལ་སྐུ་ཚབ་དོན་གཅོད་ངོ་མས་ཞིབ་འཇུག་གི་དག་མཆན་དང་། བོད་རིགས་སྤྱི་མཐུན་ཚོགས་པའམ། བོད་རིགས་ཚོགས་པ་སོ་སོ་ནས་སྒྲིག་མཐུན་དཔྱ་དངུལ་དང་གཞན་ངེས་ཅན་བསྡུ་འབབ་བཅས་གཙང་འབུལ་ཞུས་ཡོད་མེད་ཞིབ་འཇུག་གིས་ཕུལ་ཡོད་ཚེ་དག་མཆན་མཚན་རྟགས་བཀོད་དགོས།
  • འགེངས་ཤོག་ཆ་ཚང་བ་བཀང་ཏེ་གཤམ་གསལ་ཡིག་ཆ་ངེས་པར་མཉམ་སྦྱར་གྱིས་འབྲེལ་ཡོད་སྐུ་ཚབ་དོན་གཅོད་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་འབུལ་དགོས།
  • ཕྱེད་པར་ཁ་གསར་ཚད་གཞི་ ༤X༤ ཅན་གྲངས་ ༣ །
  •  ད་ཡོད་ལག་དེབ་ངོ་མ།
  • ལག་དེབ་འདི་ཞུ་རྒྱུའི་ཆེད་འགེང་ཤོག་འབུལ་ཚེས་གང་ཡིན་གྱི་ལོ་དུས་དེ་བར་གྱི་དཔྱ་དངུལ་དང་བསྡུ་འབབ་གཞན་བཅས་ཆ་ཚང་ཕུལ་ཟིན་པའི་དན་རྟགས་བྱུང་འཛིན་ངོ་མ་མཉམ་སྦྱར་དགོས་པ།
  • དཔྱ་དེབ་རིན་འབབ་ཨ་སྒོར་ ༣༠ ཕུལ་བའི་བྱུང་འཛིན་ངོ་བཤུས་སམ་ཨང་གྲངས་གནང་དགོས།

Green Book Summary [PDF Form]

Green Book Validity Extension

Green Book Validity Extension

བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དང་བླངས་དཔྱ་དངུལ་ལག་དེབ་དུས་འགྱངས།

 

  • དང་བླངས་དཔྱ་དངུལ་ལག་དེབ་ལོ་ལྔ་རེའི་མཚམས་དུས་འགྱངས་བྱ་དགོས་ལྟར་དུས་འགྱངས་ཚང་མ་འབྲེལ་ཡོད་སྐུ་ཚབ་དོན་གཅོད་ངོ་མ་དང། ས་གནས་འགོ་འཛིན་ངོ་མས་གནང་རྒྱུ། དུས་འགྱངས་ཇི་གནང་གི་ཐོ་གཞུང་རེའུ་མིག་གཤམ་དུ་གཏན་འབེབས་ལྟར་དཔལ་འབྱོར་ལས་ཁུངས་སུ་ཟླ་བ་རྗེས་མའི་ཚེས་ ༡༠ འགྱངས་མེད་འབུལ་གཏོང་ཟིན་པ་དགོས།

Green Book Validity Extension [PDF Format]

Exhausted Green Book Pages

Exhausted Green Book Pages

བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་བྱུང་འཛིན་ཤོག་བུ་རྫོགས་ཏེ་ལག་དེབ་འཕར་མ་ཞུ་རྒྱུའི་འགེངས་ཤོག

 

  • གཏན་འབེབས་འགེངས་ཤོག་འཚེམས་ལུས་མེད་པར་འགེང་དགོས།
  • འདྲ་པར་ཁ་གསར་ཚད་གཞི་ ༤ cm X༤cm ཅན་གྲངས་ ༣
  • དེབ་རིན་འབུལ་དགོས་མེད།
  • དཔྱ་དེབ་ངོ་མ་འགེངས་ཤོག་མཉམ་དཔལ་ལས་སུ་འབུལ་དགོས།

 

Contact Person:
Tsering Tashi
Email: otdc (at) tibet.net
Phone: (212) 213 – 5010 ext 2