༄༅།། བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་དཔལ་འབྱོར་འདུ་འགོད་ཀྱི་ལག་དེབ།
བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་ཆེད་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༢ ཉིན་ཚོགས་པའི་དཔལ་འབྱོར་འདུ་འགོད་གནང་ཕྱོགས་ཀྱི་ལམ་སྟོན་ལག་དེབ་ཞིག་གསར་བསྐྲུན་ཞུས་ཡོད་པར་ཚོགས་པ་ཁག་དང་བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས་བཅས་ལ་ཕུལ་ཟིན་ཡོད།
Washington, DC – The Office of Tibet-DC released a Fundraising Handbook for North American Tibetan Associations (NATA). The handbook was sent to all the Presidents of NATA and the two Chitues from North America on August 22, 2016.
འདི་ནས་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་ལས་གཞིའི་དགོས་མཁོ་དང་བྱང་ཨ་རིའི་ནང་དུ་ཡོད་པའི་སྤྱི་ཚོགས་ངལ་སེལ་དགེ་རྩའམ་རོགས་ཚོགས་རྣམས་ཀྱི་དམིགས་ཡུལ་བཅས་ལ་ཞིབ་འཇུག་མཐིན་ཕྱིན་ཞུས་ཏེ་ཤོག་གྲངས་ ༦༢ ཅན་གྱི་ལག་དེབ་དེ་ཕྱོགས་སྒྲིག་ཞུས་པ་ཞིག་ཡིན། ལག་དེབ་ནང་བྱང་ཨ་རིའི་ནང་ཡོད་བཞིན་པའི་རོགས་རམ་ཚོགས་པ་རྣམས་ཀྱི་ཐོ་གཞུང་ཞིབ་ཚགས་བཀོད་ཡོད། བོད་རིགས་སྤྱི་མཐུན་ཚོགས་མང་བའི་ནང་རྒྱུན་བཞུགས་ལས་བྱེད་མེད་སྟབས་ལས་འཆར་སོགས་བཀོད་སྒྲིག་ཞུ་རྒྱུར་སྐུ་ངལ་དུ་མ་འཕྲད་ཀྱི་ཡོད་སྟབས་སྤྱི་ཡོངས་ཀྱི་རྐང་ལས་གཞི་སྟེ། གཟའ་མཇུག་སློབ་གྲྭ། ཚོགས་ཁང་གསར་ཉོ་དང་ཉམས་བཟོ། སྤྱི་ཚོགས་འཕྲོད་བསྟེན་དང་གཞོན་སྐྱེས་ལས་གཞི་བཅས་གསུམ་ལ་གཞི་བཅོལ་ཏེ་ལས་འཆར་གྱི་མ་དཔེ་ཡང་བཀོད་ཡོད། འོན་ཀྱང་མ་དཔེ་དེར་ས་གནས་སོ་སོའི་གནས་སྟངས་འབབས་གཟིགས་ཀྱིས་གནས་ཚུལ་ཅུང་ཟད་ཁ་སྣོན་ཞུ་དགོས་པ་ཡིན།
ལག་དེབ་ནང་དཔལ་འབྱོར་འདུ་འགོད་ཙམ་མིན་པར་འདི་ག་ལས་ཁུངས་ནས་རྒྱུན་དུ་འབོད་སྐུལ་བྱེད་བཞིན་པའི་སྤྱི་མཐུན་ཚོགས་པ་ཡོངས་ལ་སྤྱི་མཚུངས་ཀྱི་དྲ་ཐོག་འབྲེལ་ལམ་ཞུ་ཕྱོགས་དང་། ཡིག་ཆ་བདག་ཉར། སོགས་གཞན་ཡང་དྲ་གནས་དགོས་མཁོ་སྒྲུབ་རྒྱུར་ཁེ་སང་མ་དམིགས་མཁན་གྱི་དེབ་སྐྱེལ་ཚོགས་པའི་ཆེད་གྷོ་གྷལ་ཞེས་པ་བེད་སྤྱོད་གནང་ཕྱོགས་ཀྱི་ལམ་སྟོན་ཡང་ཞིབ་འཁོད་ཡོད།
སྐུ་ཚབ་དོན་གཅོད་སྐལ་རྡོར་དབུ་དཀར་ཚང་གི་གསུངས་དོན། “ལག་དེབ་དེས་བྱང་ཨ་རི་སྐུ་ཚབ་དོན་གཅོད་ངོས་ནས་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་དཔལ་འབྱོར་འདུ་འགོད་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་མཚོན་ཐུབ་ཀྱི་ཡོད་པ་དང་། སྤྱིར་ལག་དེབ་དེ་རྒྱས་པོ་ཞེ་དྲག་མེད་རུང་ངེས་ཀྱི་རེ་བ་ལ་སྤྱི་མཐུན་ཚོགས་པ་རྣམས་ཀྱི་དཔལ་འབྱོར་འདུ་འགོད་བྱ་རྒྱུར་ཕན་ཐོག་ཡོང་བའི་རེ་བ་ཡོད།”
“The handbook represents Office of Tibet’s commitment to boost the resource mobilization capacity of the Tibetan Associations in North America. Though the document is basic, I hope it will be helpful and facilitate the fundraising efforts of the Tibetan Associations,” said Representative Kaydor Aukatsang.
The report can be downloaded (link at the bottom of the document):