Friday, November 22 2024

ཨ་རི་གཞུང་གི་ཛ་དྲག་དཀའ་སེལ་ཆེད་ཨ་སྒོར་དུང་ཕྱུར་ཁྲི་གཉིས་ཀྱི་སྐྱོབ་གསོའི་ཁྲིམས་ཡིག་སྐོར་དྲི་བ་དྲི་ལན།

ཨ་རི་གཞུང་གི་ཛ་དྲག་དཀའ་སེལ་ཆེད་ཨ་སྒོར་དུང་ཕྱུར་ཁྲི་གཉིས་ཀྱི་སྐྱོབ་གསོའི་ཁྲིམས་ཡིག་སྐོར་དྲི་བ་དྲི་ལན།

      གསལ་བཤད།  ཉེ་ཆར་ནད་ཡམས་རྐྱེན་པས་ཨ་རི་གྲོས་ཚོགས་དང་སྲིད་གཞུང་ནས་རོགས་སྐྱོར་ཁྲིམས་ཡིག་གཏན་

འབེབས་ཞིག་གནང་བ་ལྟར་འཚོ་སྣོན་དང་ལས་ཤོར་སློབ་ཡོན་གུན་གསབ་ཆག་ཡངས་སོགས་རྒྱ་ཆེ་གནང་ཡོད་པར་ཐོབ་ཆ་

དང་ཞུ་ལེན་བྱེད་ཕྱོགས་སོགས་ནིའུ་ཡུག་གསར་ཤོག་ཁང་ New York Times ནང་དོགས་སློང་དང་གསལ་བཤད་

ཞིབ་ཚགས་ཤིག་ཞིག་ཐོན་འདུག་པས་འདི་ག་དོན་ཁང་ནས་བོད་མི་ཨིན་ཡིག་མི་མཁྱེན་པ་ཚོའི་ཆེད་བོད་བསྒྱུར་ཞུས་ཡོད་

པས་ཐུགས་སྣང་ཡོང་བ་ཞུ་རྒྱུ།  

ཁྲིམས་ཐོག་ནས་གཏན་འབེབས་བྱུང་བའི་ཨ་སྒོར་དུང་ཕྱུར་ཁྲི་གཉིས་དེ་བཞིན་ཨ་རི་བ་རྣམས་ལ་ཐད་ཀར་རོགས་དངུལ་

འབྱོར་རྒྱུ་དང་། ལས་ཀ་ཤོར་བའི་གུན་སབ་དང་དེ་མིན་གྱི་འཆར་གཞི་གཞན་ཡང་འཚུད་ཡོད་པ་ཡིན།

སྲིད་འཛིན་ཊམ་ནས་གྲོས་ཚོགས་གོང་འོག་གཉིས་དང་ཆབ་སྲིད་ཚོགས་པ་གཉིས་ནས་མོས་མཐུན་བྱུང་ནས་ཐག་གཅོད་བྱུང་

བའི་དུང་ཕྱུར་ཁྲི་གཉིས་ཀྱི་དཔལ་འབྱོར་དཀའ་སེལ་ཁྲིམས་འཆར་ལ་མཚན་རྟགས་བཀོད་ནས་ལམ་གསེང་ལག་ལེན་གཏོང་

རྒྱུར། ཨ་རིའི་མི་སེར་ས་ཡ་བཅུ་ལྷག་ཏོག་དབྱིབས་ནད་ཡམས་གི་དཀའ་ངལ་འཕྲད་པ་རྣམས་ལ་རོགས་དངུལ་ཐད་ཀར་སྤྲོད་

རྒྱུ་ཡིན་པ་དང་དེ་ཡང་རོགས་དངུལ་མི་སྒེར་སོ་སོར་དངུལ་འཛིན་ཐོག་རེག་རྒྱུ་ཡིན། དེ་མིན་ལས་ཀ་ཤོར་བའི་གུན་གསབ། 

སློབ་ཡོན་བུ་ལོན།  རྒས་ཡོལ་ཐོབ་དངུལ་གྱི་སྒྲིག་གཞི་ལ་སོགས་པའི་ཐོག་ནས་རོགས་དངུལ་ལེན་ཐུབ་པ་ཡིན།

ཁྲིམས་ཡིག་དང་འབྲེལ་བའི་དཔལ་འབྱོར་རོགས་དངུལ་གནང་ཕྱོགས་ཐད་ཀྱི་དོགས་འདྲི་ཁག་ལ་གསལ་བཤད་ལན་

འདེབས་ཕུལ་བ་གཤམ་གསལ།

ཐད་ཀར་རོགས་དངུལ།

དྲི་བ།   མི་སྒེར་སོ་སོར་ཐད་ཀར་རོགས་དངུལ་གནང་རྒྱུའི་ཚད་ག་ཚོད་ཡིན་ནམ།


ལན།  མི་རྒན་པ་མང་ཆེ་བ་ལ་ཨ་སྒོར་ ༡༢༠༠ ཚད་ཡིན་ཡང་། ཁ་ཤས་ལ་དེ་ལས་ཉུང་བ་ཡོང་སྲིད།  ཁྲིམས་མཐུན་གྱི་ཕྲུ་གུ་ལོ་ 

༡༦ མན་ལ་ཨ་སྒོར་ ༥༠༠ རེར་ཐོབ་རྒྱུ།   

དྲི་བ།     རོགས་དངུལ་ཐེངས་ག་ཚོད་སྤྲོད་དམ།

ལན།  ཐེངས་གཅིག་ཡིན་ཡང་། ཁྲིམས་ཡིག་གསར་པ་གཏན་འབེབས་བྱུང་ན་ཡང་བསྐྱར་ཡོང་སྲིད།

དྲི་བ།    ང་ལ་རོགས་དངུལ་ག་ཚོད་ཐོབ་མིན་ཇི་ལྟར་ཤེས་ཐུབ་བམ།

ལན།  སོ་སོའི་ལོ་རེའི་ཡོང་འབབ་ལ་གཞིགས་ནས་སྤྲོད་རྒྱུ་ཡིན་འདུག་པ་དང་། མི་ཧྲེང་སྒེར་ལ་ལོ་རེའི་ཡོང་འབབ་ཁྱོན་

བསྡོམས་ཨ་སྒོར་ ༧༥༠༠༠  ལས་ཉུང་བ་རྣམས་ལ་རོགས་དངུལ་ཆ་ཚང་ཐོབ་ཐུབ། བཟའ་ཚང་ཁྱོ་ཤུག་གཉིས་ལ་ཕྲུ་གུ་མེད་

པ་ཡིན་ན་ལོ་རེའི་ཡོང་འབབ་ཁྱོན་བསྡོམས་ཨ་སྒོར་ ༡༥༠༠༠༠ འམ་དེ་ལས་ཉུང་བ་ཡོད་ན་ཨ་སྒོར་ ༢༤༠༠ ཐོབ་ཐུབ། དེ་མིན་

ཁྱིམ་ཚང་ཕྲུ་གུ་ཡོད་པ་ཚོའི་ལོ་རེའི་ཡོང་འབབ་ཨ་སྒོར་ ༡༡༢༥༠༠ འམ་དེ་ལ་ཉུང་བ་ཡིན་ན་མི་རྒན་པར་ཨ་སྒོར་ ༡༢༠༠ དང་ཕྲུ་

གུར་ཨ་སྒོར་ ༥༠༠ ཐོབ་ཐུབ།

གོང་དུ་ཞུས་པའི་ལོ་རེའི་ཡོང་འབབ་ཁག་ལས་མང་བ་ཡོད་པ་རྣམས་ཀྱི་རོགས་དངུལ་ཇེ་ཉུང་དུ་འགྲོ་བ་དང་། མི་སྒེར་ལོ་རེའི་

ཡོང་འབབ་ཨ་སྒོར་ ༩༩༠༠༠ དང་དེ་ལ་མང་བ། ཁྱོ་ཤུག་ལྷན་ལོ་རེའི་ཡོང་འབབ་ཨ་སྒོར་ ༡༩༨༠༠༠ དང་དེ་ལས་མང་བ། ཁྱིམ་

ཚང་ཕྲུ་གུ་ཡོད་པ་ལོ་རེའི་ཡོང་འབབ་ཨ་སྒོར་ ༢༡༨༠༠༠  དང་དེ་ལས་མང་བ་ཡོད་པ་རྣམས་ལ་རོགས་དངུལ་དེ་ཐོབ་མི་ཐུབ།

(གལ་སྲིད་དཔྱ་ཁྲལ་སྙན་ཞུ་སྐབས་རང་ལ་ཡོང་འབབ་མེད་པར་གཞན་ལ་བརྟེན་ཡོད་པར་འཁོད་ཚེ་རོགས་དངུལ་ཐོབ་མི་

ཐུབ། གོང་གི་རྩིས་ཚུལ་ནི་ལོ་རེའི་རྒྱལ་ཁབ་ལ་དཔྱ་ཁྲལ་ཇི་ལྟར་ཕུལ་བར་གཞི་བཅོལ་དང་། ཨ་རིའི་དམག་མི་ཕུད་རོགས་

དངུལ་ཞུ་མཁན་ཚང་མར་སྤྱི་ཚོགས་འགན་སྲུང་ཨང་ Social Security No. ངེས་པར་དགོས་པ།  ལོ་རེའིི་ཡོང་འབབ་བསྡོམས་

འབོར་ནི་ ༢༠༡༩ ལོའི་ཨ་རིའི་གཞུང་གི་དཔྱ་ཁྲལ་ཡིག་ཆ་ཨང་ ༡༠༤༠ དོན་ཚན་བརྒྱད་པའི་ཐོག་མཐོང་ཐུབ། )

དྲི་བ།     མཐོ་སློབ་སློབ་ཕྲུག་ལ་རོགས་དངུལ་སོགས་ཡོད་དམ།

ལན།  གལ་སྲིད་ཁྱེད་རང་ཕ་མ་སོགས་གཞན་ཞིག་གི་དཔྱ་ཁྲལ་སྙན་ཞུ་སྐབས་ཞིབ་གནས་འཁོད་ཡོད་ཚེ་རོགས་དངུལ་ཐོབ་

མི་ཐུབ། སྤྱིར་སློབ་ཕྲུག་ལོ་ངོ་ ༢༤ མ་སོན་གོང་ཕ་མས་འགྲོ་གྲོན་ཕྱེད་ཀ་ལྷག་གཏོང་བཞིན་ཡོད་ན་སློབ་ཕྲུག་དེ་གཞན་ལ་

བརྟེན་བཞིན་པ་ངོས་འཛིན་བྱེད་བཞིན་ཡོད།

དྲི་བ།        ལོ་རེའི་ཡོང་འབབ་ལོ་དུས་གང་ལ་གཞི་འཛིན་དགོས་སམ།

ལན།  ༢༠༡༩ ལོའི་ལོ་རེའི་ཡོང་འབབ་ཀྱི་གཞུང་ལ་དཔྱ་ཁྲལ་སྙན་ཞུ་ཕུལ་བའི་ཡིག་ཆ་གཞིར་བཞག་རྒྱུ་དང་། གལ་སྲིད་ ༢༠༡༩་

ལོར་དཔྱ་ཁྲལ་སྙན་ཞུ་ཕུལ་མེད་ཚེ་ ༢༠༡༨ ལོའི་དཔྱལ་ཁྲལ་སྙན་ཐོ་བེད་སྤྱོད་བྱེད་ན་ཆོག  གལ་སྲིད་དེ་ཡང་མེད་ཚེ་ ༢༠༡༩ 

ལོའི་སྤྱི་ཚོགས་འགན་སྲུང་གི་སྙན་ཐོ་གཞིར་བཟུང་ལས་སྤྲོད་པས་ཨ་རིའི་གཞུང་ལ་ལས་ཀ་བར་དངུལ་ག་ཚོད་སྤྲོད་ཡོད་པའི་

དཔྱ་ཁྲལ་ལ་ཆ་འཇོག་བྱེད་ན་ཆོག

དྲི་བ།        གལ་སྲིད་ངའི་ ༢༠༡༩ ལོའི་ལོ་རེའི་ཡོང་འབབ་ཚད་གཞི་ལས་བརྒལ་ཡང་ ༢༠༢༠ ནང་ནད་ཡམས་ཀྱི་རྐྱེན་པས་ཡོང་

འབབ་ལ་གནོད་སྐྱོན་བྱུང་ན་རོགས་དངུལ་ཡོད་དམ། རོགས་དངུལ་ཇི་ལྟར་ལེན་ཐུབ་བམ། 

ལན།  ཐེངས་འདིའི་འཆར་གཞི་ནང་གནས་སྟངས་འདི་རིགས་ལ་རོགས་དངུལ་མེད་ཀྱང་ ༢༠༢༠ ལོའི་དཔྱ་ཁྲལ་སྙན་ཞུ་ཕུལ་

རྗེས་ཁེ་ཕན་གཞན་ཡོད་སྲིད་པ་ཡིན། གང་ལགས་ཞེ་ན་ཐེངས་འདིའི་རོགས་དངུལ་ནི་གཞུང་གི་ལོ་ཧྲིལ་པོའི་དཔྱ་ཁྲལ་ཆག་

ཡངས་ཀྱི་ངོ་བོ་ཡིན་སྟབས་དེ་བཞིན་ལོ་དེའི་ཡོང་འབབ་ལ་གཞིགས་ནས་ཁྱེད་ཀྱི་ཁེ་ཕན་དེ་ལྟར་ཡོང་སྲིད། འོན་ཀྱང་གཞུང་གི་

ཁྲིམས་བཟོའི་ཆ་རྐྱེན་འོག་མཐུན་རྐྱེན་གཞན་རེག་ཐུབ་ཡོད་པ་དཔེར་ན་ལས་ཀ་ཤོར་བའི་རོགས་དངུལ་ཞུ་རྒྱུ་ཡོད་པ་དང་

ཚོང་ལས་ཆུང་ཆུང་གཉེར་མཁན་རྣམས་ལ་བསྐྱེད་ཁ་ཧ་ཅང་ཆུང་བའི་བུ་ལོན་སོགས་ལེན་རྒྱུ་ཡོད།

དྲི་བ།       རོགས་དངུལ་ཐོབ་པར་སྙན་ཞུ་ཕུལ་དགོས་སམ།

ལན།  སྙན་ཞུ་ཕུལ་མི་དགོས་པ་ཡིན།  གལ་ཏེ་ཨ་རི་གཞུང་གི་དཔྱ་ཁྲལ་ལྟ་ཞིབ་ལས་ཁུངས་ལ་ཁྱེད་ཀྱི་དངུལ་ཁང་ཡིག་ཆ

ཡོད་ཚེ། དངུལ་དེ་ལམ་སེང་ཁྱེད་ཀྱི་དངུལ་ཁང་ནང་ཐད་ཀར་གཞུང་ནས་གཏོང་འཐུས།

དྲི་བ།         རོགས་དངུལ་ག་དུས་འབྱོར་རམ།

ལན།    ཨ་རིའི་དཔལ་འབྱོར་བློན་ཆེན་སིཋིཝན་མནུཆིན་མཆོག་ནས་རོགས་དངུལ་འདི་དག་བདུན་ཕྲག་གསུམ་ནང་འབྱོར་

ཐུབ་པ་གསུངཡོད།

དྲི་བ།         གལ་སྲིད་ངའི་རོགས་དངུལ་མ་འབྱོར་ཚེ་རོགས་དངུལ་སྤྲོད་ཡུལ་ནོར་ཡོད་མེད་ཇི་ལྟར་ཤེས་ཐུབ་བམ། 

ལན།  ཁྲིམས་ཡིག་ནང་གསལ་ཁྱེད་ལ་རོགས་དངུལ་བཏང་ཟིན་པའི་ཡི་གེ་ཞིག་སྦྲག་ཁང་བརྒྱུད་བདུན་ཕྲག་ཁ་ཤས་ནང་

གཏོང་རྒྱུ་ཡིན་པ་བཤད་ཡོད། ཡི་གེ་འདིའི་ནང་རོགས་དངུལ་གཏོང་སྟངས་སོགས་ཁ་གསལ་པོ་འཁོད་ཡོད།   གལ་ཏེ་

སྐབས་དེར་ད་དུང་རོགས་དངུལ་བྱུང་མེད་པའི་དཀའ་ངལ་འཕྲད་ཚེ་ཐད་ཀར་གཞུང་གི་དཔྱ་ཁྲལ་ལྟ་ཞིབ་ལས་ཁུངས་ 

(IRS ) འབྲེལ་བ་བྱེད་དགོས།

དྲི་བ།       གལ་སྲིད་ཉེ་བའི་རིང་ལོ་རེའི་ཡོང་འབབ་ཀྱི་དཔྱ་ཁྲལ་སྙན་ཞུ་ཕུལ་ཐུབ་མེད་ཚེ་རོགས་དངུལ་ཐོབ་པར་འགོག་

རྐྱེན་ཡོད་དམ། 

ལན།  འགོག་རྐྱེན་ཡོད་སྲིད། ལམ་སེང་ ༢༠༡༨ ལོའི་དཔྱ་ཁྲལ་སྙན་ཞུ་ཕུལ་ཐུབ་བྱེད་ན་བཟང་། ཨ་རིའི་གཞུང་གི་དཔྱ་ཁྲལ་ལྟ་

ཞིབ་ཚན་པས་ ༢༠༡༨ ལོའི་དཔྱ་ཁྲལ་སྙན་ཐོ་མེད་པ་རྣམས་ལ་རོགས་དངུལ་སྦྲག་ཐོག་འབྱོར་རྒྱུ་དཀའ་ངལ་ཡོད་པ་དྲྭ་རྒྱའི་

ཐོག་བཀོད་འདུག  གལ་སྲིད་ཁྱེད་ཀྱིས་གཞུང་ལ་སྤྲོད་དགོས་པའི་དཔྱ་ཁྲལ་ཕུལ་མ་ཐུབ་པ་ཡིན་ན་དཔྱ་ཁྲལ་ཁྱད་ལས་པའི་

སར་ནས་ཐབས་ལམ་གཞན་གང་ཡོད་ཀྱི་འདྲི་བརྩད་གནང་དགོས།

དྲི་བ།       གང་ཟག་སུ་ཞིག་ལ་སྤྱི་ཚོགས་འགན་སྲུང་རྒས་ཡོལ་འབབ་དངུལ་ལམ་དབང་པོ་སྐྱོན་ཅན་གྱི་འབབ་དངུལ་ཟླ་རེ་

བཞིན་ལེན་མཁན་དག་ལ་ཐེངས་འདིའི་ཐད་ཀར་རོགས་དངུལ་ཐོབ་ཀྱི་ཡོད་དམ།             

ལན།  ཡོད།

དྲི་བ།   ལས་ཀ་ཤོར་བ་དང་། དམག་མི་ཟུར་པ་རྣམས་ལ་ཐེངས་འདིའི་ཐད་ཀར་རོགས་དངུལ་ཡོད་དམ། 

ལན།  ཡོད། 

དྲི་བ།       ཨ་རིའི་མི་སེར་ཕྱི་རྒྱལ་དུ་ཡོད་པ་རྣམས་ལ་ཐད་ཀར་རོགས་དངུལ་ཡོད་དམ།

ལན།   ཡོད། གང་ལྟར་ལོ་རེའི་ཡོང་འབབ་ཀྱི་ཚད་གཞི་བརྒལ་མེད་པ་དང་སྤྱི་ཚོགས་འགན་སྲུང་ཨང་གྲངས་ཡོད་མཁན་

རྣམས་ལ་རོགས་དངུལ་འདི་ཡོད།



དྲི་བ།       རོགས་དངུལ་གང་ཐོབ་པ་དེར་གཞུང་ལ་ཡོང་འབབ་ཀྱི་དཔྱ་ཁྲལ་འབུལ་དགོས་སམ།

ལན།  མི་དགོས།

དྲི་བ།         གལ་སྲིད་སློབ་ཕྲུག་བུ་ལོན་འཇལ་བར་དཀའ་ངལ་འཕྲད་ནས་གཞུང་ལ་ཡོང་འབབ་དཔྱ་ཁྲལ་ཆད་ལུས་ཡོད་ཚེ་

ཐེངས་འདིའི་ཐད་ཀར་རོགས་དངུལ་ཐོབ་པར་འགོག་རྐྱེན་བྱེད་ཀྱི་ཡོད་དམ།

ལན།  དཀའ་ངལ་མེད། ཐེངས་འདིའི་ཁྲིམས་ཀྱི་གཏན་འབེབས་འོག་གཞུང་ལ་དཔྱ་ཁྲལ་ཆད་ལུས་ཡོད་པ་རྣམས་སྐབས་

གཅིག་རིང་འབུལ་མི་དགོས་པའི་ཐག་གཅོད་གནང་ཡོད། འོན་ཀྱང་ཕྲུ་གུའི་འཚོ་བརྟེན་དངུལ་འབོར་དགོས་པ་ཁག་ལ་འགྱུར་

བ་མེད། 

ལས་ཀ་ཤོར་བའི་གུན་གསབ། 

དྲི་བ།       ཐེངས་འདིའི་ཁྲིམས་ཀྱི་གཏན་འབེབས་ནང་ལས་ཀ་ཤོར་བའི་གུན་གསབ་འདི་ཐོབ་པར་གནས་སྟངས་གང་འངྲ་

ཞིག་དགོས་སམ། 

ལན།   ལས་ཀ་ཤོར་བའི་གུན་གསབ་ཀྱི་འཆར་གཞིའི་འོག་ལས་གནས་ཤོར་བའི་གང་ཟག་མང་པོར་ཕན་ཐོག་ཐུབ། དེའི་

ནང་སྒེར་གྱི་ཚོང་ལས་གཉེར་མཁན་དང་།  ལས་ཀའི་དུས་ཚོད་ཕྱེད་ཀ་(Part Time)ལས་མི་བྱེད་མཁན་ལ་ཡང་ཁེ་ཕན་

ཐོབ་ཐུབ། 

གང་ལྟར་གང་ཟག་ཞིག་ལས་ཀ་ཤོར་བའམ་དུས་ཚོད་ཕྱེད་ཀ་མ་གཏོགས་ལས་ཀ་བྱེད་མ་ཐུབ་པ། ཏོག་དབྱིབས་ནད་ཡམས་

ཀྱི་རྐྱེན་འདྲ་མིན་ལ་བརྟེན་ནས་ལས་ཀ་བྱེད་མ་ཐུབ་པ་རྣམས་ལ་འཆར་གཞི་འདིའི་འོག་ཁེ་ཕན་ཐོབ་སྲིད།་



དྲི་བ།      འཆར་གཞི་འདིའི་འོག་དངུལ་ག་ཚོད་ཐོབ་ཐུབ་བམ།

ལན།  འདི་མངའ་སྡེ་སོ་སོར་གནས་སྟངས་མི་འདྲ་བ་ཡོད། 

འཆར་གཞི་འདིའི་འོག་ཆ་སྙོམ་རྣམ་ཀུན་ལས་ཀའི་གླ་ག་ཚོད་ཡོད་པ་གུན་གསབ་ཐུབ་པ་བྱེད་ཐབས་ཡིན་པ་དང་སྤྱིར་བཏང་

གི་ལས་ཀ་བ་ཞིག་ལ་ཆ་སྙོམ་བདུན་ཕྲག་རེར་ཨ་སྒོར་ ༡༠༠༠ ཡོད་བར་རྒྱུན་དུ་ལས་ཀ་ཤོར་བའི་གུན་གསབ་ཀྱི་རྒྱ་ཆ་ ༤༠ ནས་ 

༥༠ བར་ཁ་གསབ་བྱེད་བཞིན་ཡོད་ཀྱང་ཁྲིམས་འདིའི་བཀོད་ཁྱབ་འོག་ལྷག་འཕྲོས་གླ་འབོར་གང་ཐུབ་གསབ་རྒྱུ་ཡིན། ཁྲིམས་

འདིའི་འཆར་གཞི་འོག་ལས་ཤོར་བ་ཆ་རྐྱེན་ཚང་བ་རྣམས་ལ་མངའ་སྡེའི་གུན་སབ་ཐོག་ཨ་རི་དབུས་གཞུང་གི་ཨ་སྒོར་ ༦༠༠ 

རེ་ཐོབ་ཐུབ། མངའ་སྡེ་ཁ་ཤས་ཀྱི་དངུལ་འབོར་མང་བ་སྤྲོད་སྲིད་པ་དང་དཔེར་ན་ཨ་ལ་བ་མ་( Alabama) མངའ་སྡེའི་ནང་

བདུན་རེའི་གུན་སབ་དངུལ་འབོར་ཨ་སྒོར་ ༢༧༥ དང་།  ཁ་ལི་ཧྥོ་ནི་ཡ་མངའ་སྡེར་( California) ཨ་སྒོར་ ༤༥༠ ནིའུ་ཇར་

སི་མངའ་སྡེར་(New Jersey) ཨ་སྒོར་ ༧༡༣ ཡོད་པ་ལྟ་བུ་ཡིན། དེ་བཞིན་གལ་ཏེ་ནིའུ་ཡོག་གི་ལས་ཀ་བ་ཞིག་ལ་བདུན་

རེར་ཨ་སྒོར་ ༡༠༠༠ གི་ཡོང་འབབ་ཡོད་ན་གང་ཟག་འདི་རྣམ་ཀུན་ལས་ཀ་ཤོར་བའི་གུན་སབ་འོག་ཨ་སྒོར་ ༥༠༤ ཐོབ་ཀྱི་ཡོད་

པ་དང་ཁྲིམས་འདིའི་འཆར་བཀོད་འོག་གང་ཟག་དེར་ཨ་རི་དབུས་གཞུང་ནས་ནད་ཡམས་ལས་ཤོར་གུན་སབ་ཆེད་ཨ་སྒོར་ 

༦༠༠ ཐོབ་ནས་ཁྱོན་ཨ་སྒོར་ ༡༡༠༤ སྟེ་ལས་ཀའི་ཡོང་འབབ་གང་ཡོད་ཆ་ཚང་གུན་གསབ་ཐུབ་པ་ཡོད། 

དྲི་བ།         གློག་ཀླད་ལས་ཀ་བ་དང་སྒེར་ཚོང་ཆེད་ལས་པ་། རང་དབང་ཅན་གྱི་ལས་ཀ་བ་ཚོར་འཆར་གཞི་འཕར་མ་འདི་

རྒྱུད་གུན་སབ་ཡོད་དམ། 

ལན།  ཡོད།   སྒེར་གྱི་ཚོང་ལས་གཉེར་མཁན་གྱི་ལས་ཀ་བ་ཚང་མར་ལས་ཀ་ཤོར་བའི་གུན་སབ་ཐོབ་ཐུབ་ལ་དེའི་དངུལ་གྱི་

ཁ་གྲངས་དོ་བདག་གི་ཡོང་འབབ་ལ་གཞིགས་ཏེ་སྤྲོད་རྒྱུ་ཡིན་པ་དང་གཤམ་གྱི་དྲ་གནས་ནས་གུན་གསབ་ག་ཚོད་ཡོད་མེད་

ལྟ་ཐུབ། Disaster Unemployment Assistanceprogram   སྒེར་གྱི་ཚོང་ལས་གཉེར་མཁན་རྣམས་ལ་ཨ་རི་

དབུས་གཞུང་ནས་ཨ་སྒོར་ ༦༠༠ བདུན་ཕྲག་རེར་རོགས་སྐྱོར་ཡོད། 

དྲི་བ།         གལ་སྲིད་དོ་བདག་གང་ཞིག་རྣམ་ཀུན་ལས་ཀ་ཕྱེད་ཀ་(Part-time)མ་གཏོགས་བྱེད་ཀྱིན་མེད་ཀྱང་ནད་

ཡམས་རྐྱེན་ལས་ཀ་ཤོར་ཡོད་པ་དང་མངའ་སྡེ་གཞུང་ནས་ལས་ཀ་ཕྱེད་ཀ་བྱེད་མཁན་ལ་རོགས་བསྐྱོར་མེད་ཚེ་དབུས་གཞུང་

གི་རོགས་བསྐྱོར་ཡོད་དམ།

ལན།  ཡོད། ལས་ཀ་ཕྱེད་ཀ་བྱེད་མཁན་རྣམས་ལ་ཡང་ལས་ཀ་ཤོར་ཚེ་འཆར་གཞི་འདི་བརྒྱུད་རོགས་དངུལ་ཞུ་ཆོག་པ་ཡིན་

ཡང་དངུལ་གྱི་གྲངས་འབོར་དང་དུས་ཡུན་ག་ཚོད་རིང་རོགས་དངུལ་ཐོབ་མིན་ནི་མངའ་སྡེ་སོ་སོར་རག་ལུས་ཡོད། གནས་

སྟངས་འདི་ལྟར་ཡིན་པའི་དོ་བདག་ལ་དབུས་གཞུང་ནས་བདུན་རེར་ཨ་སྒོར་ ༦༠༠ འཕར་མ་དེ་ལེན་པའི་ཐོབ་ཐང་ཡང་ཡོད། 

དྲི་བ།      གལ་སྲིད་དོ་བདག་རང་ཉིད་དམ་ནང་མི་ལ་ཏོག་དབྱིབས་ནད་འབུ་འགོས་ནས་ལྟ་ལྟོག་དགོས་ཚེ་རོགས་རམ་

གང་ཡོད།

ལན།  གལ་སྲིད་ཁྱེད་ལ་ཏོག་དབྱིབས་ནད་འབུ་ཡོད་པ་རྟག་དཔྱད་བྱུང་ཟིན་པ་དང་ནད་རྟགས་འཚོར་བཞིན་ཡོད་པ་རྟག་

དཔྱད་བྱེད་རྒྱུར་སྒུག་ཡོད་པའི་ཐོག་ལས་མེད་གྱུར་བའམ།  རེ་ཞིག་ལས་མེད་དུ་གྱུར་བ། ཡང་ན་ལས་ཀ་བྱེད་མི་ཐུབ་པར་

གྱུར་ཡོད་ཚེ། ཁྱེད་ལ་འཆར་གཞི་དེ་བརྒྱུད་རོགས་རམ་ཡོད། དེ་བཞིན་དོ་བདག་གང་ཞིག་གི་ནང་མིར་ནད་འབུ་འགོས་པ་

རྟག་དཔྱད་བྱུང་ནས་ལྟ་ལྟོག་བྱེད་དགོས་བྱུང་བའི་གནས་སྟངས་འོག་ལས་མེད་གྱུར་བ་རྣམས་ལ་ཡང་རོགས་རམ་དེའི་ཐོབ་

ཐང་ཡོད། 

དྲི་བ།        གལ་ཏེ་དོ་བདག་གི་ཕྲུ་གུའི་སློབ་གྲྭ་དང་བུ་བཅོལ་ཁང་སོགས་སྒོ་བརྒྱབ་དགོས་བྱུང་ཡོད་ཚེ་རོགས་རམ་གང་

ཡོད་དམ།

ལན།  གལ་སྲིད་ཁྱེད་ཀྱིས་སློབ་གྲྭ་དང་བུ་བཅོལ་ཁང་རྒན་གསོ་ཞབས་ཞུ་ལ་བརྟེན་ནས་ལས་ཀ་བྱེད་ཐུབ་པ་བྱུང་ཡོད་པ་དང་།  

ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཞབས་ཞུ་བསྟི་གནས་དེ་དག་སྒོ་བརྒྱབ་དགོས་བྱུང་ཡོད་ཚེ་ཁྱེད་ལ་འཆར་གཞི་འདིའི་

འོག་གི་རོགས་རམ་ཐོབ་པར་ཐོབ་ཐང་ཡོད། 

དྲི་བ།        གལ་སྲིད་དོ་བདག་ལ་སྨན་པས་ཏོག་དབྱིབས་ནད་དུག་འགོས་ཡོད་སྲིད་པའི་དོག་པའི་འོག་ནང་ལ་སྡོད་ནས་

ཕྱིར་འགྲོ་མི་ཆོག་པའི་ལམ་སྟོན་དང་དེ་ལས་ལྷག་པའི་ནང་དུ་སྡོད་ནས་ཕྱིར་འགྲོ་མི་ཆོག་པའི་བཀོད་ཁྱབ་བཀའ་གྱ་

ཡོད་ཚེ་རོགས་རམ་གང་ཡོད་དམ། 

ལན།  དོ་བདག་ནང་ལ་སྡོད་ནས་ཕྱིར་འགྲོ་མི་ཆོག་པ་ཚང་མར་འཆར་གཞི་འདི་འོག་རོགས་རམ་ཡོད། ཁྲིམས་བཟོ་ལྷན་ཁང་

ནས་གང་ཟག་སུ་འདྲ་ཞིག་ནད་ཡམས་དེས་རྐྱེན་པའི་ནང་ནས་ཕྱིར་འགྲོ་མི་ཆོག་པར་ལས་ཀ་བྱེད་ཐུབ་མེད་ཚེ་འཆར་འཁོད་

ལྟར་རོགས་རམ་ཡོད་ོཔར་གསུང་། 

དྲི་བ།    ང་ལ་ལས་ཀ་གསར་པ་ཞིག་གི་གོ་སྐབས་བྱུང་ཡང་ནད་ཡམས་དེས་རྐྱེན་ལས་ཀར་འགྲོ་མི་ཐུབ་པར་འགྱུར་ཚེ་

རོགས་རམ་གང་ཡོད་དམ།

ལན། རོགས་རམ་ཡོད། ཁྱེད་ལ་འཆར་འཁོད་ལྟར་རོགས་རམ་ཡོད།   ནད་ཡམས་དེས་རྐྱེན་པའི་ཁྱེད་ཀྱི་ལས་ཀ་གསར་པ་

ལམ་སེང་ཤོར་ནས་ལས་ཀ་བྱེད་པའི་ལོ་རྒྱུས་གདང་ངེས་པ་སྟོན་རྒྱུ་མེད་རུང་འཆར་འཁོད་དེའི་འོག་རོགས་རམ་གྱི་ཐོབ་ཐང་

ཡོད་པ་ཡིན།

དྲི་བ།     ནད་ཡམས་དེས་ཐད་ཀར་རྐྱེན་པས་ལས་ཀ་དབྱུག་དགོས་བྱུང་ཚེ་འཆར་འཁོད་འདིའི་རོགས་རམ་ཡོད་དམ། 

ལན།  འདིའི་ཐད་རོགས་རམ་ཡོད་མེད་གནས་སྟངས་ལ་ལྟ་དགོས།  གལ་ཏེ་ཏོག་དབྱིབས་ནད་འབུ་འགོས་སྲིད་ཡོད་པའི་

དོག་པའི་འོག་སྨན་པས་ནང་ལ་བསྡད་ནས་ཕྱི་ལ་འགྲོ་མི་ཆོག་པ་བྱུང་བ་དང་རང་གི་ཕྲུ་གུའི་སློབ་གྲྭ་སྒོ་བརྒྱག་དགོས་བྱུང་བ་

སོགས་ལ་བརྟེན་ལས་ཀ་མ་དབྱུག་དཀའ་མེད་བྱུང་ཡོད་ཚེ་འཆར་འཁོད་རོགས་རམ་ཐོབ་ཐུབ།

འོན་ཀྱང་གྲོས་ཚོགས་ཀྱི་གསལ་བཤད་ནང་འཁོད་དོན་ལྟར་ན་དོ་བདག་གང་ཞིག་ནས་ཏོག་དབྱིབས་ནད་འབུ་འགོས་

པའི་ཉེན་ཁ་ལ་སྐྲག་ནས་ལས་གནས་རང་གི་འདོད་པ་བཞིན་དབྱུག་པ་ཡིན་ཚེ་རོགས་རམ་ཐོབ་ཐབས་མེད་པར་གསུང་།

དྲི་བ།      ངའི་སྦྱིན་བདག་གི་ལས་ཀ་བྱེད་ཡུལ་ནད་ཡམས་རྐྱེན་སྒོ་རྒྱག་དགོས་བྱུང་ཡོད་ན་ང་ལ་རོགས་རམ་ཐོབ་བམ།

ལན།    ཐོབ་ཐུབ། གལ་སྲིད་ཁྱེད་ལས་མེད་འགྱུར་བའམ་ཕྱེད་ལས་མེད་འགྱུར་བ་ཡང་ན་ལས་ཀ་བྱེད་མི་ཐུབ་པར་འགྱུར་ཡོད་

ཚེ་ཁྱེད་ལ་ཁྲིམས་ཡིག་འདིའི་འོག་རོགས་རམ་ཐོབ་ཐུབ་པ་ཡིན། 

དྲི་བ།       གལ་སྲིད་ཁྱིམ་ཚང་འདིའི་ཡོང་འབབ་ཡོད་མཁན་ཁོ་ན་དེ་ཚེ་ལས་འདས་པ་དང་ཁྱིམ་ཚང་འདི་ཚེ་འདས་འདིའི་

ཡོང་འབབ་ལ་བརྟེན་བཞིན་ཡོད་ན་རོགས་རམ་ཡོད་དམ།   

ལན།  རོགས་རམ་ཡོད། 

 དྲི་བ།         དོ་བདག་གང་འདྲ་ཞིག་ལ་ཁྲིམས་ཡིག་གི་འཆར་འཁོད་དེའི་ཐོབ་ཐང་མེད་དམ། 

ལན།  ལས་ཀ་བ་ནང་ལ་བསྡད་ནས་ལས་ཀ་བྱེད་ཆོག་པ་ཡིན་པ་དང་།  ལས་ཀ་བྱེད་ཡུལ་ནས་ནད་དགོངས་གླ་ཕོགས་ཡོད་

པ། སྒེར་དགོངས་གླ་ཕོགས་ཡོད་པ། དེ་མིན་ལས་ཀ་གསར་པ་འཚོལ་བཞིན་པའི་དོ་བདག་རྣམས་ལ་འཆར་འཁོད་འདིའི་

རོགས་རམ་ཐོབ་དབང་མེད།

དྲི་བ།         འཆར་འཁོད་དེའི་རོགས་དངུལ་དུས་ཡུན་ཇི་ལྟར་ཡིན་ནམ།

ལན།  མངའ་སྡེ་མང་པོར་བདུན་ཁྲག་ ༢༦ རིང་གི་རོགས་སྐྱོར་ཡོད་ཀྱང་མངའ་སྡེ་ཁ་ཤས་སོ་སོའི་གནས་སྟངས་ལ་གཞིགས་

ནས་དུས་ཡུན་དེ་ལས་ཉུང་བ་ཡོད། ཁྲིམས་ཡིག་འདིའི་འཆར་འཁོད་འོག་བདུན་ཕྲག་འཕར་མ་ ༡༣ རིང་རོགས་སྐྱོར་ཡོད་པར་

མངའ་སྡེ་བདུན་ཁྲག་ ༢༦ ཡོད་པ་ལ་ཁྱོན་བསྡོམས་བདུན་ཁྲག་ ༣༩ ཡི་རོགས་སྐྱོར་ཡོད་པ་ཡིན།  ཁྱོན་བསྡོམས་ཀྱི་དུས་ཡུན་

བདུན་ཁྲག་ ༣༩ བརྒལ་མི་ཆོག་པ་དང་མངའ་སྡེ་ཁ་ཤས་ལ་དུན་ཡུན་དེ་ལས་ཐུང་བ་ཡོད་སྲིད། དབུས་གཞུང་གི་ཨ་སྒོར་ ༦༠༠ 

རོགས་སྐྱོར་འདི་ཟླ་བ་བཞི་རིང་གནང་རྒྱུ་ཡིན།

དྲི་བ།        འཆར་འཁོད་འཕར་མ་འདི་དུས་ཚོད་ག་དུས་བར་ལག་བསྟར་བྱེད་རྒྱུ་ཡིན་ནམ།

ལན།  འཆར་འཁོད་འཕར་མ་འདིའི་འོག་སྤྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༧  ནས་ལོ་འདིའི་ཟླ་བ་ ༡༢ ཚེས་ ༣༡ བར་ལས་ཀ་ཤོར་

བའི་དོ་བདག་ཆ་རྐྱེན་ཚང་བ་རྣམས་ལ་ལས་ཤོར་གུན་གསབ་རོགས་དངུལ་སྤྲོད་རྒྱུ་ལག་ལྟར་བྱེད་རྒྱུ་ཡིན།

དྲི་བ།         གལ་སྲིད་ངས་སྔོན་ནས་ལས་མེད་རོགས་དངུལ་ལེན་བཞིན་ཡོད་ན་རོགས་དངུལ་གཞན་ཡོད་དམ།

ལན།    ཡོད།    ཁྱེད་རིམས་ནད་རྐྱེན་མ་ཡིན་པར་ལས་མེད་རོགས་དངུལ་སྔོན་ནས་ལེན་བཞིན་ཡོད་ན་ཁྱེད་ཀྱི་མངའ་སྡེ་

གཞུང་ནས་ད་དུང་བདུན་ཁྲག་ ༡༣ འཕར་མའི་རོགས་དངུལ་ལེན་ཆོག་པ་དང་།  འདིའི་ཐོག་ཨ་རི་དབུས་གཞུང་གི་བདུན་

རེའི་ཨ་སྒོར་ ༦༠༠ ལེན་ཐུབ། 

དྲི་བ།         ངའི་ལས་མེད་རོགས་དངུལ་གྱི་དུས་ཡུན་རྫོགས་ཟིན་ན་ཡང་བསྐྱར་ལས་མེད་རོགས་དངུལ་གྱི་སྙན་ཞུ་ཕུལ་ན་

འགྲིག་གམ།

ལན།  འགྲིག་གི་ཡོད།  གལ་སྲིད་ཁྱེད་ཀྱི་ལས་མེད་རོགས་དངུལ་གྱི་དུས་ཡུན་རྫོགས་ཟིན་ཚེ་ཆ་རྐྱེན་ཚང་བའི་དོ་བདག་ཚོས་

ཡང་བསྐྱར་སྙན་ཞུ་བརྒྱབ་ན་ཆོག    འོན་ཀྱང་རོགས་དངུལ་ག་ཚོད་ཐོབ་མིན་མངའ་སྡེ་སོ་སོའི་ཐག་གཅོད་ཡིན།

དྲི་བ།         ལས་མེད་འཆར་གཞི་འདིའི་ཡོང་འབབ་ཀྱིས་རོགས་སྐྱོར་གཞན་ཐོབ་པར་དཀའ་ངལ་བཟོ་སྲིད་དམ།

ལན།    བཟོ་སྲིད་པ་ཡིན།  ཨ་སྒོར་ ༦༠༠ འཕར་མ་འདི་ལོ་རེའི་ཡོང་འབབ་ལ་རྩིས་ནས་རོགས་དངུལ་གཞན་ཐོབ་པའི་ཆ་

རྐྱེན་སྐོང་རྒྱུར་འགོག་རྐྱེན་བཟོ་སྲིད།  སྨན་བཅོས་ཉེན་སྲུང་དང་ཕྲུ་གུའི་སྨན་བཅོས་ཉེན་སྲུང་ལ་འགོག་རྐྱེན་བཟོ་མི་ཐུབ། 

དྲི་བ།          རོགས་དངུལ་ཐོབ་པར་དུས་ཚོད་ག་ཚོད་འགོར་རམ། 

ལན།  མངའ་སྡེ་ཁག་ནས་བདུན་ཕྲག་གཅིག་འགུག་དགོས་པའི་དུས་ཚོད་བཟོས་ཡོད་པ་དང་འོན་ཀྱང་རོགས་དངུལ་དངོས་

ལག་ཏུ་ཐོབ་རྒྱུར་དུས་ཚོད་ག་ཚོད་འགོར་མིན་ཁ་གསལ་མེད་པ་དང་དེ་བས་རིམས་ནད་རྐྱེན་གྱིས་ལས་མེད་རོགས་སྐྱོར་ཞུ་

མཁན་ཧ་ཅང་མང་དུ་སོང་བས་ན་དེ་བཞིན་དཀའ་ངལ་འཕར་མ་ཡོད་སྲིད་པ་ཡིན། 

                                སློབ་ཕྲུག་གི་སློབ་ཡོན་བུ་ལོན། 

དྲི་བ།      ཨ་རི་དབུས་གཞུང་ནས་ཟླ་བ་གཉིས་རིང་གི་བུ་ལོན་དང་སྐྱེད་ཀའི་དངུལ་འབོར་གཞུང་ནས་བུ་ལོན་ཡོད་པ་སྟེ་

ཆག་ཡང་བྱུང་ཡོད་པ་དེའི་ཐོག་ད་དུང་རོགས་དངུལ་གཞན་ཡོད་དམ།

ལན།  ཡོད།   ཟླ་བ་དགུ་པའི་ཚེས་ ༣༠ བར་གཞུང་གི་སློབ་ཡོན་བུ་ལོན་ཁག་ལ་ཟླ་རེའི་དངུལ་འཇལ་མི་དགོས་པ་བྱུང་ཡོད།  

དེ་བཞིན་སྒེར་གྱི་སློབ་ཡོན་བུ་ལོན་གཡར་པོ་བྱེད་མཁན་ཚོར་འབྲེལ་བ་བྱེད་རྒྱུ་དཀའ་ཚེག་ཡོད་པ་ཡིན་ཡང་དྲྭ་གྱའི་ཐོག་ལ་

རང་སོ་སོའི་བུ་ལོན་འཇལ་འབོར་ལ་ལྟས་ན། བུ་ལོན་གྱི་ཆག་ཡང་གནས་སྟངས་ཇི་ལྟར་ཡིན་རྟོགས་ཐུབ། 

དྲི་བ།         ངའི་བུ་ལོན་ལ་ཆག་ཡང་ཡོད་པ་ཇི་ལྟར་ཤེས་ཐུབ་སམ། 

ལན།  གལ་སྲིད་དོ་བདག་གི་བུ་ལོན་གཞུང་ནས་གཡར་པོ་བྱེད་ཡོད་ཚེ་ཆག་ཡང་ཡོད་པ་ཡིན་པ་དང་། Institute for 

College Access & Success མཐོ་སློབ་ཞིབ་འཇུག་ཁང་འདིའི་སྙན་ཐོར་གཞིགས་ཚེ་བུ་ལོན་རྒྱ་ཆ་ ༩༠ ཆག་ཡང་

གི་ཆ་རྐྱེན་ལྡན་ཡོད་པ་ཡིན། Older Federal Family Educational Loans (F.F.E.L.) བུ་ལོན་ཨ་རི་

ཤེས་རིག་ལྷན་ཁང་གི་གཡར་པོ་མིན་པ་རྣམས་ཆག་ཡང་མེད། མངའ་སྡེ་གཞུང་གི་གཡར་བའི་བུ་ལོན་དང་སྒེར་གྱི་གཡར་

བའི་བུ་ལོན་སོགས་ལ་གཞུང་གི་ཆག་ཡང་མེད་། འོན་ཀྱང་བུ་ལོན་དེ་དག་གི་གཡར་པོ་རང་སོ་སོའི་རོགས་སྐྱོར་གྱི་འཆར་

གཞི་ཡོད་སྲིད་པ་ཡིན།    བདུན་ཕྲག་ཁ་ཤས་ནང་གཞུང་ནས་བུ་ལོན་གྱི་ཆག་ཡང་དང་འབྲེལ་བའི་ཡི་གེ་གཏོང་རྒྱུ་ཡིན། 

སྐབས་དེར་ཁྱེད་ཀྱི་གདམ་ག་བཞིན་སྐྱེད་ཀ་མ་རྩིས་པར་ཟླ་རེའི་བུ་ལོན་འཇལ་ན་འགྲིག   དེ་རྗེས་ཟླ་བ་བརྒྱད་པའི་ཚེས་ ༡ 

ཆག་ཡང་གི་དུས་ཚོད་འདས་ཟིན་པའི་བརྡ་ལན་མང་པོ་སླེབས་རྒྱུ་ཡིན་པ་དང་དེའི་སྐབས་ཁྱེད་ཀྱི་ཡོང་འབབ་ལ་དཔག་པའི་བུ་

ལོན་གྱི་འཇལ་འབོར་འཆར་གཞི་ཞིག་ནང་བཞུགས་ན་འགྲིག་པ་ཡིན། ཞིབ་པ་དྲ་གནས་འདིར་གཟིགས་རོགས། 

income-driven repayment plan

 དྲི་བ།         ཟླ་བ་དྲུག་འདིའི་རིང་བུ་ལོན་གཡར་པོ་ནས་སྐྱེད་ཀའི་དངུལ་འབོར་ལེན་སྲིད་དམ།

ལན།  ཆག་ཡང་གི་དུས་ཡུན་རིང་ཁྲིམས་ཡིག་གི་ནང་དོན་འོག་སྐྱེད་ཀ་ལེན་མི་ཆོག་པའི་བཀའ་རྒྱ་ཡོད། ཆག་ཡང་གི་དུས་

ཡུན་འདས་པའི་རྗེས་ལ་བུ་ལོན་གཡོར་པོའི་བུ་ལོན་འཇལ་འཆར་ཇི་ལྟར་ཡིན་པ་ལྟ་རྒྱུ་ཧ་ཅང་གལ་ཆེན་ཡིན།

དྲི་བ།     བུ་ལོན་འཇལ་བར་དཀའ་ངལ་འཕྲད་རྐྱེན་ཡོང་འབབ་ནས་ཉེས་ཆད་སྤྲོད་དགོས་པ་ཡོད་ཚེ་ཆག་ཡང་ཟླ་བ་དྲུག་

གི་དུས་ཡུན་སྐབས་སྤྲོད་མི་དགོས་པ་ཡིན་ནམ། 

ལན།   ཡིན།   དེ་བཞིན་ཡོང་འབབ་ཀྱི་དཔྱ་ཁྲལ་ཕུལ་རྗེས་གཞུང་གི་དངུལ་དོ་བདག་ལ་སློག་རྒྱུ་བཀག་ཡོད་པ་དང་། ཨ་རི་

དབུས་གཞུང་གི་རོགས་དངུལ་ཉུང་དུ་གཏོང་ཡོད་པ། བུ་ལོན་བཙན་གྱི་ལེན་རྒྱུ་ཚང་མ་སྐབས་དེའི་རིང་མཚམས་འཇོག་བྱེད་

ཡོད། 

དྲི་བ།         གལ་སྲིད་ངའི་ལས་ཀ་བྱེད་ཡུལ་གྱི་སྦྱིན་བདག་ནས་ངའི་སློབ་གྲྭའི་བུ་ལོན་གྱི་ཆ་ཤས་སྤྲོད་བཞིན་ཡོད་ན་དེའི་

འགྲོ་སྟངས་ལ་འགྱུར་བ་གང་ཡོད་དམ། 

ལན།   ཡོད།   སྦྱིན་བདག་ཁ་ཤས་ནས་ལས་ཀ་བའི་ཁེ་ཕན་ཆེད་དེ་ལྟར་སྤྲོད་བཞིན་ཡོད་པ་ལྟར། ཁྲིམས་ཡིག་འདིར་སྲིད་

འཛིན་གྱིས་མཚན་རྟགས་བཀོད་པའི་ཉིན་ནས་ ༢༠༢༠ ལོ་འཇུག་བར་སྦྱིན་བདག་དེ་དག་ལ་གཞུང་ནས་ལས་ཀ་བའི་གླ་སྤྲོད་

ཆེད་ཨ་སྒོར་ ༥༢༥༠ ཡི་རོགས་རམ་བྱེད་བཞིན་ཡོད།  ལས་ཀ་བའི་སློབ་གྲའི་སློབ་ཡོན་སོགས་སྦྱིན་བདག་གི་སྤྲོད་བཞིན་ཡོད་

ན་སློབ་ཡོན་དེ་རིགས་སྒོར་ ༥༢༥༠ དེའི་ནང་ནས་སྤྲོད་རྒྱུ་ཡིན་པ་རེད། 

                                    རྒན་ཡོལ་གསོག་དངུལ།

དྲི་བ།          རྒན་ཡོལ་གསོག་དངུལ་དང་འབྲེལ་བའི་འགྲོ་ལུགས་ལ་འགྱུར་བ་ཡོད་དམ། 

ལན།  ༢༠༢༠ ལོའི་ལོ་འཁོར་ནང་སུས་ཀྱང་རྒན་ཡོལ་གསོག་དངུལ་གྱི་དངུལ་འབབ་སྤྲོད་མི་དགོས། སྒེར་གྱི་རྒན་ཡོལ་གསོག་

དངུལ་འཆར་གཞི་དང་ལས་ཀ་བྱེད་ཡུལ་ནས་རྒན་ཡོལ་གསོག་དངུལ་འཆར་གཞི་གང་ཡིན་རུང་དངུལ་འབབ་སྤྲོད་མི་དགོས། 

དཔེར་ན་ 401(k) ལྟ་བུའི་དངུལ་འབབ་སྤྲོད་མི་དགོས། དེར་བརྟེན་ཁྱེད་ཀྱི་མ་ཀང་ཁྲོམ་རའི་ནང་གི་གསོག་དངུལ་གྱི་རིན་

གོང་ཟག་ཡང་བཙོང་མི་དགོས་པར་དེ་གྱོང་གུན་དུ་རྩིས་ཆོག གལ་སྲིད་ཁྱེད་ལ་དངུལ་མར་དགོས་ཁོ་མེད་ཚེ་མ་ཀང་ཁྲོམ་

རའི་གསོག་དངུལ་རིམ་གོང་བསྐྱར་དུ་འཕར་རྒྱུར་རེ་སྒུག་བྱེད་ན་འགྲིག འདིས་རྒས་ཡོལ་གླ་ཕོག་ལ་འགྱུར་བ་མེད།

དྲི་བ།           གལ་སྲིད་ངས་རྒལ་ཡོལ་གསོག་དངུལ་ I.R.A. དང་ལས་ཀ་བྱེད་ཡུལ་གྱི་རྒས་ཡོལ་གསོག་དངུལ་སྔོན་ནས་

ལེན་དགོས་བྱུང་ན་གནས་སྟངས་ཇི་ལྟར་ཡིན་ནམ།

ལན།  ད་ལོ་ཁྱེད་ཀྱི་ཨ་སྒོར་ ༡༠༠༠༠༠ རྣམ་ཀུན་གྱི་རྒྱ་ཆ་ ༡༠ ཉེས་ཆད་མེད་པར་ལེན་ན་ཆོག   དེ་ཡང་ནད་ཡམས་ཀྱིས་རྐྱེན་

པས་དངུལ་ལེན་དགོས་པའི་ཆ་རྐྱེན་ཚང་དགོས། ད་དུང་ཡོང་འབབ་ཀྱི་དཔྱ་ཁྲལ་འདི་དངུལ་ལེན་པའི་རྗེས་ལོ་གསུམ་གྱི་དུས་

ཡུན་རིང་བཀྲམ་ནས་སྤྲད་ཆོག་པ་ཡིན། སྤྱིར་བཏང་དངུལ་འབོར་ཆེན་པོ་དེ་འདྲ་རྒས་ཡོལ་གསོག་དངུལ་ལ་འཇོག་རྒྱུར་

བཀག་གྱ་ཡོད་ཀྱང་ལོ་གསུམ་དེའི་ནང་དངུལ་ལེན་པ་དེ་ཡང་བསྐྱར་རྒས་ཡོལ་གསོག་དངུལ་གྱི་འཆར་གཞི་ནང་བླུག་ན་ཆོག་

པ་ཡིན། འདི་ལྟ་བུའི་དངུལ་མར་ལེན་དགོས་པའི་རྒྱུ་མཚན་རིམས་ནད་འདིས་རྐྱེན་ཡིན་པ་ཆ་རྐྱེན་དུ་འགྲུབ་དགོས། གལ་

སྲིད་ཁྱེད་རིམས་ནད་ཀྱི་ནད་འབུ་ཡོད་པ་བརྟག་དཔྱད་བྱུང་བ་ཡང་ན་བཟའ་ཟླའམ་ནང་མི་ནད་འབུ་ཡོད་པ་བརྟག་དཔྱད་བྱུང་

ནས་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པ་ཡིན་ན་ཁྱེད་ལ་བྱེད་སྒོ་དེ་སྤེལ་བའི་ཆ་རྐྱེན་ཚང་བ་དང་། ལས་ཀ་བྱེད་ཡུལ་གྱི་

རྒས་ཡོལ་གསོག་དངུལ་ལས་ཀ་བ་སོ་སོས་ཆོག་མཆན་ཡོད་པ་སྦྱིན་བདག་ནས་ཁས་ལེན་ར་འཁྲོད་ཆོག་པ་ཡིན། 

དྲི་བ།        ངས་ 401(k) དང་ལས་ཀ་བྱེད་ཡུལ་གྱི་རྒས་ཡོལ་གསོག་དངུལ་གཡར་པོ་བྱེད་ཆོག་གམ།

ལན།  བྱེད་ཆོག   ཁྱེད་ཀྱི་རྣམ་ཀུན་གྱི་དངུལ་འབབ་ལས་ལྡབ་གཅིག་གི་མང་བ་ལེན་ཆོག   ཁྲིམས་ཡིག་གཏན་འབེབས་

བྱུང་ནས་ཉིན་གྲངས་ ༡༨༠ ནང་ཁྱེད་རིམས་ནད་འདིའི་ནད་འབུ་འགོས་ཡོད་པ་ར་ཁྲོད་ཐུབ་ཚེ་གསོག་དངུལ་འཆར་གཞི་ལས་

ཨ་སྒོར་ ༡༠༠༠༠༠༼འབུམ་གཅིག༽ མན་གཡར་པོ་བྱེད་ན་ཆོག    རྣམ་ཀུན་འཆར་གཞིའི་དངུལ་འབོར་གྱི་ཕྱེད་ཀ་ལས་མང་

བ་གཡར་པོ་བྱེད་མི་ཆོག་ཀྱང་ད་ལྟའི་ཆར་སྒྲིག་གཞི་འདི་གུ་ཡངས་ཡིན། གལ་སྲིད་ཁྱེད་ཀྱི་སྔོན་ནས་གཡར་པོ་བྱེད་ཡོད་པ་

དང་བུ་ལོན་གྱི་དུས་ཚད་ཟླ་བ་༡༢ ཚེས་ ༣༡ སྔོན་ཡིན་ཚེ་ཁྱེད་ལ་ཡང་བསྐྱར་ལོ་གཅིག་གི་དུས་ཡུན་མནར་འགྱངས་བྱེད་ཆོག་པ་

ཡིན།

                                                འཆར་གཞི་གཞན། 

དྲི་བ།     རོགས་རམ་འདི་རྒྱུད་ཚོང་ལས་ཆུང་ཆུང་གཉེར་མཁན་དང་ཁེ་མེད་ལས་རིགས་ཚོར་རོགས་རམ་གང་ཡོད་དམ།

ལན།   གཏམ་བཟང་ཞིག་ལ་ལས་རིགས་དེ་དག་གཉེར་མཁན་ལ་ཆག་ཡང་བུ་ལོན་ཐོབ་ཐུབ། དེ་སྐོར་ཁ་གསལ་དགོས་ཚེ་

གཤམ་གྱི་མཉམ་སྦྱར་གྱི་དྲྭ་གནས་གཉིས་ལ་གཟིགས་རོགས། a separate article  one-page summary 

དྲི་བ།           གལ་སྲིད་ངས་རིམས་ནད་དང་འབྲེལ་བའི་ཆག་ཡང་དང་སློབ་ཡོན་བུ་ལོན་ཆག་ཡང་སོགས་ལེན་ཚེ་ངའི་བུ་

ལོན་ལོ་རྒྱུས་ཀྱི་སྙན་ཐོ་ལ་གནོད་བཟོ་སྲིད་དམ། 

ལན།  བཟོ་མི་སྲིད། མ་ཐར་ད་ལྟའི་ཆར་གནོད་བཟོ་སྲིད་པ་མེད།

ཁྲིམས་ཡིག་གི་ནང་དོན་ལྟར་ན་ཟླ་བ་ ༡ ཚེས་ ༣༡ ནས་རྒྱལ་ཡོངས་ཛ་དྲག་གནས་སྐབས་ཁྱབ་བསྒྲགས་བྱེད་པའི་ཉིན་གྲངས་ 

༡༢༠ བར་གཡར་པོ་བ་གང་ཞིག་ཡིན་རུང་བུ་ལོན་གྱི་སྙན་ཐོ་ཅི་ཡོད་རང་སར་འཇོག་དགོས་པ་མ་ཟད་ཆག་ཡང་གི་ཁེ་ཕན་དོ་

བདག་ནས་གང་ལེན་ཡོད་ཀྱང་དེས་སྙན་ཐོ་ལ་འགྱུར་བ་གཏོང་མི་ཆོག་པ་ཡིན། གལ་སྲིད་རིམས་ནད་སྔོན་ལ་ཁྱེད་ཀྱི་བུ་ལོན་

སྙན་ཐོ་ལ་ནག་ཐིག་ཡོད་ཚེ་དེ་དག་ལ་དོ་བདག་ནས་རིམས་ནད་སྐབས་འགྱུར་བ་གཏོང་མེད་ཚེ་རང་སོར་ལུས་རྒྱུ་ཡིན། བུ་

ལོན་སྙན་ཐོའི་ལས་ཁུངས་ཁག་ནས་ནོར་འཁྲུལ་བཟོ་སྲིད་པས་རང་གི་སྙན་ཐོར་ལོ་རེར་ཐེངས་ཁ་ཤས་ལྟ་རྒྱུ་གལ་ཆེན་ཡིན་ལ་

དམིགས་གསལ་ལོ་འདིའི་ནང་དངུལ་ཁང་དང་ཚོང་ལས་གང་རུང་ནས་རོགས་རམ་བྱེད་ཡོད་ཚེ་སྙན་ཐོ་ལྟ་རྒྱུ་གལ་ཆེན་ཡིན། 

དྲི་བ།          ཁང་གླ་བ་རྣམས་ལ་ཁྲིམས་འདི་བརྒྱུད་རོགས་སྐྱོར་གང་ཡོད་དམ། 

ལན།   ཡོད།   ཁྲིམས་ཀྱི་ནང་དོན་ལྟར་ན་ཁང་བདག་གཞུང་གི་བུ་ལོན་ལེན་མཁན་རྣམས་ལ་འཕྲལ་སེལ་རིང་རྒྱལ་ཡོངས་

ཁང་གཡར་བ་ཁང་གླ་མ་འཕྲོད་པར་ཕྱིར་འབུད་འཚམས་འཇོག་འོག་ཁང་གཡར་བ་རྣམས་ལ་རོགས་རམ་བྱེད་བཞིན་པར། 

ཁྲིམས་ཡིག་གཏན་འབེབས་རྗེས་ཀྱི་ཉིན་ ༡༢༠ ནང་ལག་བསྟར་བྱེད་རྒྱུ་དང་ཁང་བདག་ནས་ཁང་གླ་སྤྲོད་མ་ཐུབ་པར་ཉེས་ཆད་

སོགས་པའི་ཆད་དངུལ་ཁང་གཡར་བ་ནས་ལེན་མི་ཆོག་པ་ཡིན། 

དྲི་བ།         ཁྲིམས་ཡིག་འདིས་འཕྲོད་བསྟེན་གསོག་དངུལ་འཆར་གཞི་དང་འཕྲོད་བསྟེན་ལྟ་ལྟོག་འགྲོ་སོང་གི་འཆར་གཞི་

བཅས་ཀྱི་སྒྲིག་གཞི་ལ་འགྱུར་བ་ཡོད་དམ། 

ལན།  ཡོད། ལོ་ ༡༥ ཞུ་གཏུགས་དང་འགྲོ་གླེང་རྗེས་ཟླ་མཚན་གྱི་ཐོན་ཟོག་ལ་གུན་བསབ་བྱེད་ཆོག་པ་ཡིན། 


དྲི་བ།         ཁྲིམས་བཟོ་ལྷན་ཁང་ནས་དྲ་རྒྱའི་བརྡ་འཕྲིན་སྤྲོད་མཁན་གྱི་ཚོང་ལས་ཁག་ནས་སྒེར་དང་ཚོང་ལས་ཆུང་བ་ཁག་

ཟླ་རིན་མ་སྤྲད་པའི་དབང་གིས་དྲ་རྒྱ་བརྡ་འཕྲིན་སྤྲོད་རྒྱུ་འཚམས་འཇོག་བྱེད་ན་ཁྲིམས་འགལ་ཡིན་པ་གསུང་ཡོད་དམ། 

ལན།  མེད། 

དྲི་བ།     ཁྲིམས་བཟོ་ལྷན་ཁང་ནས་གློག་རིན་དང་ཆུ་རིན་སོགས་མ་སྤྲོད་པའི་དབང་གིས་ཆུ་དང་གློག་སོགས་གཅོད་ན་

ཁྲིམས་འགལ་ཡིན་པ་གསུང་ཡོད་དམ། 

ལན། མེད། 

Check Also

Utah Tibetan Association Calls on Former Congressman Christ Stewart and Salt Lake City Mayor Erin Mendenhall

Washington DC: The president and the executive members of the Utah Tibetan Association called on …