Sunday, November 24 2024
His Holiness the Dalai Lama in Mexico City (2011)

Year of His Holiness the Dalai Lama


2014 Essay contest to honor His Holiness the Dalai Lama


The Office of Tibet, Washington, DC
is pleased to announce an essay contest to mark 2014 as a Year of His Holiness the Dalai Lama. Sikyong Dr. Lobsang Sangay in his March 10th statement announced that the Central Tibetan Administration will observe 2014 as the year of His Holiness the 14th Dalai Lama, and pay tribute to his visionary leadership and contribution to Tibet and the world.

Applicants are invited to submit an essay on the topic: “What does His Holiness the Dalai Lama mean to me?” The contest is open to Tibetan youths residing in North America and from ages 18 to 35 years. The essay can be in one of three languages: Tibetan (3000 to 3500 words), English (1200 to 1500 words) and Chinese (3500 to 4000 words). Independent selection committees for each language will review all submissions and select the top essay from each of the three languages. The writers of the three best essays in each language will each receive a cash prize of US$1000 and a certificate from the Office of Tibet, Washington DC. The essays will also be published on various websites and social media networks.

All submissions must be sent to otdc@tibet.net by November 01, 2014 along with applicant’s contact information and proof of residency. Email submissions preferred. However, those without access to email can also mail their submissions to: Office of Tibet, 1227 17th Street NW, Washington, DC 20036 USA. The Office of Tibet reserves the right to set a minimum number of submissions required for each language in order to award the prizes.

གསལ་བསྒྲགས།

༄༅། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་༢༠༡༤ལོ་འདི་བཞིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་༡༤པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་ལྟར། ཕྱི་འབྲེལ་ལས་ཁུངས་ནས་ལོ་འདིའི་ནང་རྣམ་ཀུན་དང་དམིགས་བསལ་གྱི་ལས་འགུལ་སྤེལ་དགོས་པའི་བཀའ་ཁྱབ་ཕེབས་དོབ་བཞིན། ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་བྱང་ཨ་རིའི་ཁྱབ་ཁོངས་སུ་གཏོགས་པའི་རང་ལོ་༡༨ནས་༣༥བར་གྱི་བོད་མིའི་ཁྲོད་དུ་རྩོམ་ཡིག་འགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན།

རྩོམ་ཡིག་གི་བརྗོད་གཞི་ནི། ངའི་ངོས་ནས་བཤད་ན་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་གལ་ཆེན་པོ་གང་འདྲ་ཆགས་ཀྱི་ཡོད་དམ། ཞེས་པ་འདི་ཡིན།

རྩོམ་ཡིག་འདི་བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག་གང་རུང་ནང་བྲིས་ན་འགྲིག་ཞིང་། རྩོམ་ཡིག་རྣམས་ཕྱི་ལོ་༢༠༡༤ཟླ་བ་༡༠ཚེས་༡གོང་དོན་གཅོད་ལས་ཁུངས་ཀྱི་གློག་འཕྲིན་ཁ་བྱང་ otdc@tibet.net ཐོག་བཏང་ཚར་བ་དགོས་པ་དང་། དུས་བཀག་གི་རྗེས་ལ་འབྱོར་ཚེ་རྩིས་མེད་ཡིན། རྩོམ་ཡིག་འདེམས་སྒྲུག་ཚོགས་ཆུང་གིས་སྐད་ཡིག་གསུམ་ནས་རྩོམ་ཡིག་ཡག་ཤོས་རེ་རེ་བདམས་རྒྱུ་དང་། བདམས་ཐོན་བྱུང་བའི་རྩོམ་ཡིག་ལ་གསོལ་རས་ཨ་སྒོར་༡༠༠༠རེ་ཡོད་ཅིང་།

རྩོམ་ཡིག་ཡག་ཤོས་གསུམ་པོ་འདི་བརྒྱུད་ལམ་ཁག་ནང་འགྲེམས་སྤེལ་བྱེད་རྒྱུ་ཡིན། རྩོམ་ཡིག་གི་ནང་དོན་བརྗོད་གཞི་དང་མ་འགལ་བ་ཞིག་དགོས་པ་དང་། བོད་ཡིག་གི་རྩོམ་ཡིག་ལ་ཚིག་འབྲུ་གྲངས་ ༣༠༠༠ནས་༣༥༠༠ དགོས་པ་དང་། དབྱིན་ཡིག་ལ་ཚིག་འབྲུ་གྲངས་ ༡༢༠༠ནས་ ༡༥༠༠ དགོས་ཤིང་། རྒྱ་ཡིག་གི་རྩོམ་ཡིག་ལ་༣༥༠༠ནས་༤༠༠༠དགོས་ཀྱི་ཡོད་པའི་གསལ་བསྒྲགས་སུ།

Check Also

His Holiness the Dalai Lama Extends Congratulations to the U.S. President-elect Donald Trump

Dharamshala: His Holiness the Dalai Lama has written to congratulate Donald Trump on his victory …